བྱང་ཆུབ་ལམ་གྱི་སྒྲོན་མའི་གསུང་ཆོས་དབུ་འཛུགས།

ཐེ་ཝན་ཆོས་ཞུ་བས་ཇི་ལྟར་གསོལ་བ་བཏབས་བ་བཞིན་༸གོང་ས་མཆོག་ནས་གསུང་ཆོས་དབུ་འཛུགས་མཛད་པའི་གནས་ཚུལ།

ཐེ་ཝན་ཆོས་ཞུ་བས་ཇི་ལྟར་གསོལ་བ་བཏབས་བ་བཞིན་༸གོང་ས་མཆོག་ནས་གསུང་ཆོས་དབུ་འཛུགས་མཛད་པའི་གནས་ཚུལ། འཇིགས་མེད་སྙན་གྲགས།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ཟླ་ ༡༠ ཚེས་ ༡ ནས་ ༤ བར་སྟེ་ཉིན་གྲངས་བཞིའི་རིང་རྡ་ས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེ་ཝན་གྱི་ནང་པའི་ཆོས་ཚོགས་ཁག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཇོ་བོ་རྗེ་དཔལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་སྒྲོན་གྱི་སྒོ་ནས་ཆོས་འབྲེལ་གསུང་ཆོས་དབུ་འཛུགས་གནང་ཡོད་པ་རེད།
འདས་པའི་ལོ་ཤས་ནང༌། ནང་པའི་ཡུལ་གྲུ་ཨུ་རུ་སྤྱི་མཐུན་རྒྱལ་ཁབ་འོག་ཡོད་པའི་སོག་རིག་ཡུལ་གྲུ་ཁག་གི་ནང་པ་དང༌། ཐཡེ་ལེནཌ། ལའོསི། ཝིཡཏེ་ནམ། ཀོ་རི་ཡ། ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མ་ལེ་ཤི་ཡ་དང༌། སིང་ཀ་པུར། ཐེ་ཝན་སོགས་ནང་པའི་ཡུལ་གྲུ་དེ་དག་གི་ཡུལ་མི་ཁྱོན་ཆེ་བཞུགས་སྒར་དུ་བཀའ་ཆོས་ཞུ་བར་ཆེད་བཅར་ཞུ་བཞིན་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org