༸གོང་ས་མཆོག་མེ་རི་ལེནཌ་རུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་པ།

བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ཤར་ཕྱོགས་མངའ་སྡེ་མེ་རི་ལེནཌ་རུ་༸ཞབས་སོར་འཁོད་སྐབས་ས་གནས་བོད་མི་བརྒྱ་ཙམ་ནས་ཕེབས་བསུ་ཞུས་པ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ཤར་ཕྱོགས་མངའ་སྡེ་མེ་རི་ལེནཌ་རུ་༸ཞབས་སོར་འཁོད་སྐབས་ས་གནས་བོད་བརྒྱ་ཙམ་ནས་ཕེབས་བསུ་ཞུས་པ། པ་སངས་དོན་ལྡན།

༄༅༎ཕྱི་ཟླ་༥ཚེས་༦རེས་གཟའ་ཟླ་བའི་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་རྒྱལ་སའི་ཉེ་འདབས་ཀྱི་མངའ་སྡེ་མེ་རི་ལེནཌ་རུ་༸ཞབས་སོར་བདེ་བར་འཁོད་སྐབས་ས་གནས་བོད་མི་བརྒྱ་ཙམ་མགྲོན་ཁང་གི་མདུན་དུ་བཅར་ནས་ཕེབས་བསུ་ཞུས་ཡོད་པའི་གནས་ཚུལ་འདུག ༸གོང་ས་མཆོག་ཕྱི་ཟླ་༥ཚེས་༢༡བར་མེ་རི་ལེནཌ་དང༌།ཨོ་རེ་གོན། ཝིས་ཀན་སིན།ལུ་ཝི་ཟི་ཡ་ན།ཀེན་ཊ་ཀི་བཅས་མངའ་སྡེ་ལྔའི་ནང་བཀའ་སློབ་དང་བགྲོ་གླེང་ལྷན་ཚོགས་སོགས་ཀྱི་མཛད་འཕྲིན་བསྐྱང་འཆར་ཡོད་པའི་གནས་ཚུལ་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org