༸གོང་ས་མཆོག་མ་རི་བོར་དུ་ཞབས་སོར་འཁོད།

སལོ་ཝེ་ནི་ཡའི་གྲོང་ཁྱེར་མ་རི་བོར་དུ་གྲོང་ཁྱེར་སྤྱི་ཁྱབ་ནས་༸གོང་ས་མཆོག་ཕེབས་བསུ་ཞུས་བར་བཅར་འདུག

སལོ་ཝེ་ནི་ཡའི་གྲོང་ཁྱེར་མ་རི་བོར་དུ་གྲོང་ཁྱེར་སྤྱི་ཁྱབ་ནས་༸གོང་ས་མཆོག་ཕེབས་བསུ་ཞུས་བར་བཅར་འདུག

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་ས་ཕྱི་ཟླ་༥ཚེས་༡༥ཉིན་ Austriaའི་རྒྱལ་ས་Vienna བརྒྱུད་ Sloveniaའི་གྲོང་ཁྱེར་ Maribor དུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་འདུག གྲོང་ཁྱེར་Maribor གི་གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་Franc Kangler ཡིས་གདན་ཞུ་ཕུལ་ཡོད་པ་ལྟར། མགྲོན་ཁང་དུ་སྐུ་བཅར་ཞུས་པའི་གྲོང་ཁྱེར་སྤྱི་ཁྱབ་Franc དང་མཇལ་འཕྲད་བཀའ་མོལ་ལྷུག་པོ་གནང་ཡོད་སྐོར་སུད་སི་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་གྲུབ་ལགས་ཀྱིས་གནས་ཚུལ་བཏང་གནང་བཞག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org