༸སྐུའི་འཁྲུངས་སྐར་ཉིན་མོ་དེ་ཞི་བདེ་དང་དྲང་བདེན་གྱི་ཉིན་མོར་སྲུང་བརྩི་ཞུ་རྒྱུ།

ཨ་རིའི་ཀ་ལི་ཕོར་ནི་ཡ་མངའ་སྡེའི་ Contra Costa རྫོང་གི་ལས་ཁུངས་ནས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཚིགས་དེ་བཞིན་མ་འོངས་པར་ཞི་བདེ་དང་དྲང་བདེན་གྱི་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་གྲོས་ཆོད་དང་བསྒྲགས་གཏམ་སྤེལ་ཡོད།

སྒྲིག་བཟོ།

ཉེ་ཆར་ཨ་རིའི་ཀ་ལི་ཕོར་ནི་ཡ་མངའ་སྡེའི་ Contra Costa  རྫོང་གི་ལས་ཁུངས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཚིགས་དེ་བཞིན་མ་འོངས་པར་ཞི་བདེ་དང་དྲང་བདེན་གྱི་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་གྲོས་ཆོད་དང་བསྒྲགས་གཏམ་སྤེལ་ཡོད་པའི་གནད་དོན་ཐད་ཞུ་གཏུགས་གནང་མཁན་བསྟན་འཛིན་རང་གྲོལ་ལགས་སུ་རིག་འཛིན་ཆོས་སྒྲོན་ལགས་ཀྱི་བཀའ་འདྲི་ཞུས་པ་ཞིག་གསན་གནང་གི་རེད།

གསར་འགོད་པ། རིག་འཛིན་ཆོས་སྒྲོན།

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org