དཀའ་ངལ་འཕྲད་དུས་བསམ་བློ་གུ་ཡངས་ཙམ་དགོས་པ།

༸གོང་ས་མཆོག་ནས་ནང་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་པ་དང་། དཀའ་ངལ་འཕྲད་དུས་བསམ་བློ་གུ་ཡངས་ཙམ་གཏོང་དགོས་པའི་བཀའ་སློབ་གནང་།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མོན་རྟ་དབང་ནང་མང་ཚོགས་ཁྲི་ཚོ་འགའ་ཤས་ལ་སྒོམ་རིམ་བར་པའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་གནང་བ། ཨ་རུ་ན་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱི་ངོ་དེབ།

༄༅།    །དེ་རིང་གི་གཏམ་གླེང་ཞལ་པར་ལེ་ཚན་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མོན་རྟ་དབང་ཁུལ་དུ་ཆོས་འབྲེལ་གནང་སྐབས་ནང་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་ཀྱི་ཡོད་ལ།     དཀའ་ངལ་འཕྲད་དུས་བསམ་བློ་གུ་ཡངས་ཙམ་གཏོང་དགོས་པ་སོགས་ཀྱི་བཀའ་སློབ་གནང་ཡོད་པ་དང་།     དེ་བཞིན་དད་ལྡན་མང་ཚོགས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཁག་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org