མེ་མདའི་སྟོབས་ཤུགས་དང་བདེན་པའི་སྟོབས་ཤུགས་གཉིས་ཀྱི་ཁྱད་པར།

༸གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སུ་བཀའ་ཉིན་གཉིས་པའི་སྐབས་ཆོས་ཞུ་བ་རྣམས་ལ་མེ་མདའི་སྟོབས་ཤུགས་དེ་གནས་སྐབས་ཤུགས་ཆེན་པོ་ཡོད་ཀྱང་ཕུགས་རྒྱང་རིང་པོའི་ཆ་ནས་བདེན་པའི་སྟོབས་ཤུགས་དེར་ནུས་པ་ཆེ་བ་ཡོད་ཅེས་བཀའ་གནང་ཡོད་པ།

༸གོང་ས་མཆོག་ནས་རྒྱ་གར་ལྷོ་ཕྱོགས་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་རྭའི་ནང་ལམ་རིམ་བཀའ་ཆོས་སྩོལ་བཞིན་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། པདྨ་དངོས་གྲུབ།

༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་ལྷོ་ཕྱོགས་སུ་བཀའ་ཆོས་ཉིན་གཉིས་པའི་སྐབས། དད་ལྡན་ཆོས་བ་རྣམས་ལ་བོད་ཀྱི་འཐབ་རྩོད་དེ་མེ་མདའི་སྟོབས་ཤུགས་དང་བདེན་པའི་སྟོབས་ཤུགས་ཀྱི་འཐབ་རྩོད་ཤིག་ཡིན་པ་དང་། མེ་མདའི་སྟོབས་ཤུགས་དེ་གནས་སྐབས་ཤུགས་ཆེན་པོ་ཡོད་ཀྱང་ཕུགས་རྒྱང་རིང་པོའི་ཆ་ནས་བདེན་པའི་སྟོབས་ཤུགས་དེར་ནུས་པ་ཆེ་བ་ཡོད་པ་སོགས་བཀའ་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org