རྒྱ་ནག་གཞུང་གིས་དཀྲོག་གཏམ་སྤེལ་མཁན་ཚོར་བརྡུང་འདོཊ་དྲག་པ་གཏང་རྒྱུ་ཡིན་པ།

རྒྱ་ནག་གཞུང་ནས་སྤྱི་ཚོཊ་ཀྱི་གཏན་ལྷིང་ལ་གནོད་སྐྱོན་འགྲོ་རྒྱུའི་དཀྲོག་གཏམ་སྤེལ་མཁན་ཚོར་བརྡུང་འདེཊ་དྲག་པོ་གཏང་རྒྱུ་ཡིན་འདུག

༄༅༎རྒྱ་ནག་གཞུང་ནས་སྤྱི་ཚོགས་ཀྱི་གཏན་ལྷིང་ལ་གནོད་སྐྱོན་འགྲོ་རྒྱུའི་དཀྲོག་གཏམ་སྤེལ་མཁན་ཚོར་བརྡུང་འདེགས་དྲག་པོ་གཏང་རྒྱུ་ཡིན་ལུགས་གསལ་བསྒྲགས་སྤེལ་ཡོད་འདུག རའུ་ཀྲར་གསར་འགྱུར་ལས་ཁང་ནས་བོད་རང་སྐྱོང་ལྗོངས་ཀྱི་དྲ་རྒྱའི་ཐོག་གསལ་བསྒྲགས་སྤེལ་བ་ཞིག་ལུང་འདྲེན་བྱས་པར་ལྟར་ན། བོད་ནང་གི་ད་ལྟའི་གནས་སྟངས་འདི་འདྲའི་འོག་སྤྱི་ཚིགས་ཀྱི་གཏན་ལྷིང་ལ་གནོད་སྐྱོན་གཏང་རྒྱུའི་ཀུན་སློང་འཁྱེར་ནས་དཀྲོག་གཏམ་འདྲ་མིན་སྤེལ་མཁན་རིགས་ལ་བརྡུང་གདེགས་དྲག་པོ་གཏང་རྒྱུ་ཡིན་པས་དེ་རྩིས་ཚང་མས་དྭོགས་ཟོན་བྱ་དགོས་ཅེས་བཀའ་རྒྱ་བཏང་ཡོད་འདུག འོན་ཀྱང་དེའི་ནང་གནས་ཚུལ་ཁ་གང་ཡང་བཀོད་མེད་པ་རེད། རྒྱ་ནག་ནང་རྒྱལ་སྤྱིའི་ཨོ་ལིམ་པིཀ་རྩེད་འགྲན་ཚུཊ་རྒྱུ་ལ་ཉེ་བའི་སྐབས་ཡིན་པ་དང༌། ཕྱི་ཕྱོགས་ཀྱི་རླུང་འཕྲིན་ཉན་མཁན་དང་། གློག་རྡུད་དྲ་རྒྱ་བརྒྱུད་གནས་ཚུལ་ཤེས་རྟོགས་བྱུང་བ་དང་་གཅིག་ནས་གཅིག་བརྒྱུད་གནས་ཚུལ་བཤད་རེས་བྱས་པའི་རིགས་ལ་ཟེར་གྱི་ཡོད་པ་གོ་བ་ལེན་ཆོག་པ་ཡིན་ལུགས་རའུ་ཊར་གསར་ལས་ཁང་ནས་དཔྱད་ཞིབ་བྱས་འདུག རྒྱ་ནག་གཞུང་གི་ཉེ་ཆར་བོད་ནང་གི་དོན་རྐྱེན་འོག་བོད་མི་ཉི་ཤུ་ཙམ་ལས་རྐྱེན་འདས་ཕྱིན་མེད་པ་དང་། དེ་དག་ཀྱང་ཟིང་ཆའི་འོག་འདས་གྲོང་གྱུར་པ་ཡིན་ལུགས་བཤད་ནས་གང་ལྟར་ཟིང་ཆ་ཀུན་སློང་བྱས་མཁན་ཡང་༧གོང་ས་མཆོག་ཡིན་ལུགས་གཏམ་བཤད་སྤེལ་བཞིན་ཡོད་པ་རེད། འོན་ཀྱང་བཙན་བྱོལ་བོད་གཞུང་དང་། གཞུང་འབྲེལ་མ་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ནས་བོད་ནང་གི་ཉེ་ཆར་གྱེན་ལངས་འོག་བོད་མི་བརྒྱ་ལྷག་ཙམ་འདས་གྲོང་ཕྱིན་ཡོད་ལུགས་གསུངས་ཡོད་པ་རེད༎

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org