ཕུལ་བྱུང་སློབ་དགེའི་གཟེངས་རྟཌ།

བོད་པའི་སློབ་དགེ་གཉིས་ལ་རྒྱ་གར་སྲིད་འཛིན་མཆོག་ནས་ཕུལ་བྱུང་སློབ་དགེའི་གཟེངས་རྟགས་གནང་བའི་གནས་ཚུལ།

བོད་པའི་སློབ་དགེ་གཉིས་ལ་རྒྱ་གར་སྲིད་འཛིན་མཆོག་ནས་ཕུལ་བྱུང་སློབ་དགེའི་གཟེངས་རྟགས་གནང་བ། པདྨ་རྒྱལ་མཚན།

༄༅༎ཐེངས་འདིའི་སློབ་གསོའི་མདུན་བགྲོས་ཞེས་པའི་ལེ་ཚན་གྱི་ནང་དུ་ཕྱི་ཟླ་དགུ་པའི་ཚེས་ལྔ་རེས་གཟའ་པ་སངས་ཀྱི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་སྲིད་འཛིན་པྲ་ཏི་བྷ་པ་ཊིལ་མཆོག་ནས་ཕྱི་ལོ་ཉིས་སྟོང་བདུན་ལོའི་རྒྱལ་ཡོངས་ཕུལ་བྱུང་སློབ་དགེའི་གཟེངས་རྟགས་གནང་ཡོད་པའི་ཁོངས་སུ་བོད་པའི་སློབ་དགེ་པདྨ་རྒྱལ་མཚན་མཆོག་དང་གཡུ་ལོ་སྒྲོལ་མ་ལགས་གཉིས་ཡོད་པའི་གནས་ཚུལ་སྐོར་རིག་ལྡན་སྒྲོལ་མ་ལགས་ནས་སློབ་དགེ་པདྨ་རྒྱལ་མཚན་ལགས་སུ་གནས་འདྲི་ཞུས་པར་གསན་རོགས་གནང༌༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org