དཔལ་ལྡན་འཛིན་བཟུང༌།

མདོ་སྨད་ཀན་ལྷོ་ཁུལ་རྨ་ཆུ་རྫོང་དབལ་བཎ་ཡུལ་འཚོའི་རོང་སྐོར་སྡེ་བའི་འབྲོག་པ་གཞོན་ནུ་དཔལ་ལྡན་འཛིན་བཟུང་།

མདོ་སྨད་ཀན་ལྷོ་ཁུལ་རྨ་ཆུ་རྫོང་དབལ་བཎ་ཡུལ་འཚོའི་རོང་སྐོར་སྡེ་བའི་འབྲོག་པ་གཞོན་ནུ་དཔལ་ལྡན་འཛིན་བཟུང་བྱས་འདུག བྱམས་པ།

༄༅༎འདི་ག་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་འབྱོར་བར་གཞིགས་ན།འདིར་བོད་ནས་གནས་ཚུལ་ཁུངས་ལྡན་འབྱོར་དོན། ཕྱི་ཟླ་༦ ཚེས་༡༨ ཉིན་མདོ་སྨད་ཀན་ལྷོ་ཁུལ་རྨ་ཆུ་རྫོང་དབལ་བཎ་ཡུལ་འཚོའི་༼ཞིང་༽རོང་སྐོར་སྡེ་བའི་འབྲོག་པ་གཞོན་ནུ་དཔལ་ལྡན་ཟེར་བ་ཡུལ་འཚོའི་ཇ་ཁང་ཞིག་ཏུ་ཡོད་སྐབས་རྨ་ཆུ་རྫོང་གི་བདེ་འཇགས་རི་ཁག་ཟེར་བ་དང་སྤྱི་བདེ་ཇུས་གཉིས་མཉམ་འབྲེལ་གྱིས་རླུང་འཁོར་ཆུང་བ་དཀར་ནག་བཞི་ལྔ་ཞིག་ཡོང་སྟེ་གཞོན་ནུ་དཔལ་ལྡན་ཁོ་འཛིན་བཟུང་བཙན་ཁྲིད་བྱས་པའི་གནས་ཚུལ་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་རྒྱ་གར་ཨོ་རི་སར་བཅའ་བཞུགས་ཁོང་གི་སྤུན་མཆེད་བྱམས་པ་ལགས་སུ་གནས་འདྲི་ཞུས་པར་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org