གཙུག་ལག་ཁང་དུ་བསྔོ་སྨོན།

བོད་དོན་ཆེད་རང་ལུས་མེར་སྲེག་གཏོང་མཁན་གཅོད་པ་ལགས་དང་ལུང་རྟོགས་ལགས་བཀྲ་ཤིས་ལགས་ཀྱི་ཆེད་བསྔོ་སྨོན་གནང་བ།

བོད་དོན་ཆེད་རང་ལུས་མེར་སྲེག་གཏོང་མཁན་གཅོད་པ་ལགས་དང་ལུང་རྟོགས་ལགས་བཀྲ་ཤིས་ལགས་ཀྱི་ཆེད་བསྔོ་སྨོན་གནང་བ།

༄༅༎བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཁེ་ཉིན་ཕྱི་ཚེས་༡༦ཉིན་ཆོས་རིག་ལས་ཁུངས་ནས་ཟླ་བ་འདིའི་ཚེས་༡༠ཉིན་བོད་དོན་ཆེད་རང་ལུས་མེར་སྲེག་གཏོང་གནང་མཁན་གཅོད་པ་ལགས་དང༌། ཕྱི་ཚེས་༡༣ཉིན་རང་ལུས་མེར་སྲེག་གཏོང་མཁན་དགེ་འདུན་པ་ལུང་རྟོགས་ལགས་དང་བཀྲིས་ལགས་བཅས་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ་གནང་འདུག
གོང་ཞུས་འདས་པོ་གསུམ་གྱི་གཙོས་གཞིས་བྱེས་གཉིས་སུ་གནས་པའི་བོད་དོན་ཆེད་རང་སྲོག་བློས་གཏོང་གནང་མཁན་ཕོ་མོ་འདས་གསོན་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་རྗེས་དྲན་ཞུ་སླད་ཕྱི་ཚེས་༡༦ཉིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་སྒོ་སྐྱོན་གནང་སྟེ། རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་རྒྱ་ཚར་འབུལ་ཤོམ་དང་འབྲེལ། མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིམ་པོ་ཆེ་མཆོག་དབུ་ཞུགས་ཐོག བཀའ་བློན་ཁྲི་པ་མཆོག་གི་དབུས་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་བགྲེས་གཞོན་རྣམ་པ་དང༌།
སྲི་ཞུའི་ལས་བྱེད་རྣམ་པ། བཞུགས་སྒར་ཁུལ་གྱི་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ། དེ་བཞིན་མི་མང་དང་སློབ་ཕྲུག། ཕྱི་རྒྱལ་བ་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཐོག་སྨོན་ལམ་གསུང་འདོན་གནང་འདུག། བཀའ་ཁྲི་བློ་བཟང་སེངྒེ་མཆོག་གིས་མཆོད་འབུལ་སྨོན་ལམ་དང་འབྲེལ་བའི་གསུང་བཤད་གནང་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org