ཀན་ལྷོ་ཉེན་རྟོག་པའི་བརྡ་ཁྱབ།

བོད་མི་རྩིས་སྤྲོད་པར་རྒྱ་སྒོར་ཁྲི་ཉི་ཤུ་བར་གྱི་བྱ་དགའ་སྤྲོད་རྒྱུའི་ཁྱབ་བསྒྲགས་སྦྱར་བ།

བོད་མི་རྩིས་སྤྲོད་པར་རྒྱ་སྒོར་ཁྲི་ཉི་ཤུ་བར་གྱི་བྱ་དགའ་སྤྲོད་རྒྱུའི་ཁྱབ་བསྒྲགས་སྦྱར་བ། ཀུན་བཟང་བསྟན་འཛིན།

༄༅༎ཕྱི་ཟླ་༡༠ཚེས་༢༡ཉིན་འདི་ག་རླུང་འཕྲིན་ཁང་ཀན་ལྷོ་ཁུལ་ཉེན་རྟོག་ལས་ཁང་གིས་བརྡ་ཁྱབ་སྤེལ་བའི་འདྲ་པར་བོད་ནས་འབྱོར་བར་གཞིགས་ན། ཉེ་ཆར་བོད་མདོ་སྨད་ཁུལ་དུ་རྒྱ་ནག་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་ཆེད་བོད་མི་མང་པོས་བསྟུད་མར་རང་ལུས་མེར་བསྲེགས་པར་བརྟེན་ཀན་ལྷོ་ཁུལ་ཉེན་རྟོག་ལས་ཁང་གིས་རང་ལུར་མེར་སྲེག་ཀྱི་ལས་འགུལ་དང་འབྲེལ་བའི་ཐབས་ཇུས་འགོད་མཁན་སོགས་ཀྱི་གནས་ཚུལ་ཐེར་འདོན་བྱས་ཚེ་རྒྱ་སྒོར་ཁྲི་ལྔ་ནས་ཁྲི་ཉི་ཤུ་བར་གྱི་བྱ་དགའ་སྤྲོད་རྒྱུ་ཡིན་པའི་ཁྱབ་བསྒྲགས་སྦྱར་ཡོད་པ་སོགས་ཀྱི་སྐོར་འཆི་མེ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org