འཛམ་གླིང་ཡོངས་སུ་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོར་ལས་འགུལ་སྤེལ་བ།

བཞུགས་སྒར་དྷ་རམ་ས་ལ་གཙོས་བོད་མི་གནས་སྡོད་ས་ཕྱོགས་གང་སར་གསུམ་བཅུའི་དུས་དྲན་ཐེངས་༥༤པར་སྲུང་བརྩི་ཞུས་པའི་གནས་ཚུལ་ཕྱོགས་བསྒྲིགས།

བཞུགས་སྒར་དྷ་རམ་ས་ལ་གཙོས་བོད་མི་གནས་སྡོད་ས་ཕྱོགས་གང་སར་གསུམ་བཅུའི་དུས་དྲན་ཐེངས་༥༤པར་སྲུང་བརྩི་ཞུས་པའི་གནས་ཚུལ་ཕྱོགས་བསྒྲིགས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། འཇིགས་མེད་སྙན་གྲགས།

༄༅༎ཕྱི་ཟླ་༣ཚེས་༡༠རེས་གཟའ་ཉི་མའི་ཉིན་ཞུགས་སྒར་དྷ་རམ་ས་ལར་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། དེ་བཞིན་ས་གནས་བོད་མི་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་ཕྱི་ལོ་༡༩༥༩ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མིས་རྒྱ་ནག་གི་བཙན་འཛུལ་ལ་ངོ་རྒོལ་སྒེར་ལངས་ཀྱི་ལས་འགུལ་སྤེལ་ནས་མི་ལོ་༥༤འཁོར་བའི་དུས་དྲན་ལ་སྲུང་བརྩི་ཞུས་ཡོད་པ་དང༌།ཕྱོགས་མཚུགས་འཛམ་གླིང་ས་ཕྱོགས་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་གསུམ་བཅུའི་དུས་དྲན་ལ་སྲུང་བརྩི་ཞུས་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པས་གནས་ཚུལ་བཏང་འབྱོར་བྱུང་ཁག་ཅིག་ཕྱོགས་སྒྲིག་ཞུས་ཡོད་པར་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org