ཆུ་ལོག་གིས་གནོད་འཚེ་ཕོག་པའི་ཆེད་སྨོན་ལམ།
རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་དང་ཨུཏྟར་ཁཎྜ་སོགས་ཀྱི་ནང་ཆུ་ལོག་གི་གནོད་འཚེ་ཕོག་པ་རྣམས་ཀྱི་ཆེད་བསྔོ་སྨོན།
-
2013-06-26 -
-
-
སྡེ་ར་ལྡུན་མངའ་ཁོངས་བོད་མི་རྣམས་ནས་ཨུཏྟར་ཁཎྜ་མངའ་སྡེའི་ནང་རོགས་སྐྱོར་དང་སྨོན་ལམ་གནང་བ།
བཟོད་པ་རྒྱ་མཚོ།
Your browser doesn’t support HTML5 audio
༄༅༎རྒྱ་གར་བྱང་ཕྱོགས་ཨུཏྟར་ཁཎྜ་ (Uttarakhand) དང་ཧི་མ་ཅལ་མངའ་སྡེའི་ནང་ཆུ་ལོག་དང་ས་ཉིལ་གྱི་གོད་ཆག་འོག་མི་གྲངས་སྟོང་ཕྲག་མ་ཟིན་ཙམ་གྱི་ཚེ་སྲོག་ཤོར་བ་དང་།མི་གྲངས་ཁྲི་ཕྲག་མང་པོའི་སྡོད་ཁང་དང་དགོས་མཁོའི་ཡོ་ཆས་རྣམས་ལ་དོ་ཕོག་ཧ་ཅང་ཚབས་ཆེ་བྱུང་བ་རྣམས་ཀྱི་ཆེད་དུ་ཕྱི་ཟླ་༦ཚེས་༢༤རེས་གཟའ་ཟླ་བའི་ཉིན་བཞུགས་སྒར་དྷ་རམ་ས་ལར་ས་གནས་འགོ་འཛིན་ལས་ཁུངས་ཀྱི་གོ་སྒྲིག་འོག་ས་གནས་མི་མང་དང་སློབ་ཕྲུག་རྣམས་ནས་བསྔོ་བ་སྨོན་ལམ་རྒྱ་ཆེ་ཞིག་གནང་བ་དང་ཞལ་འདེབས་བསྡུ་རུབ་གནང་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་ཕྱོགས་སྒྲིག་ཞུས་གནས་ཚུལ་ཞིག་གསན་རོགས༎