སྐུ་ཕུང་རྩིས་སྤྲོད་དགོས་པའི་ངོ་རྒོལ།

ནིའུ་ཡོརྐ་བལ་ཡུལ་གཞུང་ཚབ་མདུན་བོད་མིས་གྲུབ་ཆེན་ཚེ་རིང་ལགས་ཀྱི་སྐུ་ཕུང་བོད་མིར་རྩིས་སྤྲོད་དགོས་པའི་ངོ་རྒོལ་སྤེལ།

ནིའུ་ཡོརྐ་བལ་ཡུལ་གཞུང་ཚབ་མདུན་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་གྲུབ་ཆེན་ཚེ་རིང་ལགས་ཀྱི་སྐུ་ཕུང་བོད་མིར་རྩིས་སྤྲོད་དགོས་པའི་ངོ་རྒོལ་སྤེལ་བ། བསྟན་འཛིན་བདེ་སྐྱིད།

༄༅༎ཕྱི་ཟླ་༢ཚེས་༡༣ཉིན་བལ་ཡུལ་གྱི་རྒྱལ་སའི་མཆོད་བརྟེན་བྱ་རུང་ཁ་ཤོར་མདུན་གྲུབ་ཆེན་ཚེ་རིང་ལགས་ཀྱིས་བོད་དོན་ཆེད་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་རྗེས་སྐུ་ཕུང་བལ་ཡུལ་གཞུང་ནས་བོད་མིར་ད་བར་རྩིད་སྤྲོད་བྱས་མེར་པར་བརྟེན་ཕྱི་ཟླ་༣ཚེས་༡རེས་གཟའ་པ་སངས་ཀྱི་ཉིན་ཨ་མེ་རི་ཀའི་གྲོང་ཁྱེར་ནིའུ་ཡོརྐ་ནང་གི་བལ་ཡུལ་གཞུང་ཚབ་མདུན་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་གྲུབ་ཚེ་ལགས་ཀྱི་སྐུ་ཕུང་བོད་མིར་རྩིས་སྤྲོད་དགོས་པ་དང་བལ་ཡུལ་ནང་གི་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་སྤྲོད་དགོས་པའི་དགོས་འདུན་བཏོན་ཏེ་རྔམ་སྟོན་སྐད་འབོད་ཀྱི་ལས་འགུལ་སྤེལ་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org