སྒྲུབ་ཚེ་ལགས་ཀྱི་སྐུ་ཕུང་དགོས་པའི་འབོད་སྐུལ།

བལ་ཡུལ་བོད་མི་ཚོས་རང་ལུས་མེ་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་སྒྲུབ་ཚེ་ལགས་ཀྱི་སྐུ་ཕུང་བོད་མི་ཚོར་དགོས་པའི་འབོད་སྐུལ།

བལ་ཡུལ་དུ་བོད་མི་ཚོས་བོད་དོན་ཆེད་རང་ལུས་མེ་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་སྒྲུབ་ཚེ་ལགས་ཀྱི་ཆེད་དུ་སྨོན་ལམ་གནང་བཞིན་པ། ཕ་ཡུལ།
གསར་འགྱུར་ལ་གསན་རོགས།

༄༅༎བལ་ཡུལ་བོད་མི་ཚོས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་བལ་ཡུལ་དུ་བོད་དོན་ཆེད་རང་ལུས་མེ་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་བོད་མི་སྒྲུབ་ཚེ་ཞུ་བ་ཁོང་གི་སྐུ་ཕུང་བལ་ཡུལ་གཞུང་གིས་བོད་མི་ཚོར་རྩིས་སྤྲོད་དགོས་པའི་སྙན་ཞུ་ཞིག་ཕུལ་ཡོད་པའི་སྐོར། འདི་གའི་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་ཀྱིས་བལ་ཡུལ་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས་ཞུ༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org