མི་ཚང་རེ་རེའི་ནང་ཕེབས་ནས་བོད་དོན་ལས་འགུལ།

སུད་སི་ནང་བོད་མི་ཁག་ཅིག་ནས་མི་ཚང་རེ་རེའི་ནང་དུ་ཕེབས་ནས་བོད་དོན་ཡིག་ཆ་འགྲེམས་སྤེལ་གནང་གི་ཡོད་པ་དང་། ཁོང་རྣམ་པས་ཡིག་ཆ་ཁྲི་བཞི་འགྲེམས་སྤེལ་གནང་འཆར་ཡོད་པ་རེད།

མི་ཚང་རེ་རེའི་ནང་ཕེབས་ནས་བོད་དོན་ལས་འགུལ།

༄༅།    །སུད་སི་མངའ་སྡེ་Aarau ནང་འཚོ་སྡོད་གནང་མཁན་བོད་མི་ཚོས་བོད་ནང་གཅིག་མཇུག་གཉིས་མཐུད་ཀྱིས་ལས་འགུལ་སྤེལ་བཞིན་པའི་ཛ་དྲག་གི་གནས་སྟངས་ངོ་སྤྲོད་ཆེད།    ཁུལ་དེའི་ཁྱིམ་ཚང་རེ་རེའི་ཡིག་སྒམ་ནང་བོད་ནང་གི་རང་སྲེག་དང་འབྲེལ་བའི་གནས་ཚུལ་ངོ་སྤྲོད་གནང་བའི་ཡིག་ཆ་བཅུག་གི་ཡོད་པ་རེད།    དེའི་སྐོར་ང་ཚོ་སུད་སིའི་གསར་འགོད་པ་རབ་སྒང་ཚེ་ཕུན་ལགས་ཀྱིས་བཏང་གནང་བའི་གནས་ཚུལ་ལ་གསན་རོགས།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org