སྒྲུབ་ཚེ་ལགས་ཀྱི་ཆེད་མཆོད་འབུལ།

དྷ་སའི་དཔའ་བོའི་རྗེས་དྲན་རྡོ་རིང་གི་མདུན་བལ་ཡུལ་ནང་བོད་དོན་ཆེད་རང་ལུས་མེར་སྲེག་གཏོང་མཁན་སྒྲུབ་ཆེན་ཚེ་རིང་ལགས་ཀྱི་ཆེད་ཞེ་དགུའི་སྨོན་ལམ་གནང་བ།

དྷ་སའི་དཔའ་བོའི་རྗེས་དྲན་རྡོ་རིང་གི་མདུན་བལ་ཡུལ་ནང་བོད་དོན་ཆེད་རང་ལུས་མེར་སྲེག་གཏོང་མཁན་སྒྲུབ་ཆེན་ཚེ་རིང་ལགས་ཀྱི་ཆེད་ཞེ་དགུའི་སྨོན་ལམ་གནང་བ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསྟན་འཛིན་དོན་ཡོད།

༄༅༎ཕྱི་ཟླ་༤ཚེས་༣རེས་གཟའ་ལྷག་པའི་ཉིན་བཞུགས་སྒར་དྷ་རམ་ས་ལར་བོད་རང་བཙན་ཆེད་སློབ་ཕྲུག་ཚོགས་པ་དང༌།བོད་ཀྱི་གཞོན་ནུ་ལྷན་ཚོགས།བོད་ཀྱི་བུད་མེད་ལྷན་ཚོགས་ཐུན་མོང་གི་གོ་སྒྲིག་འོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་དུ་ཡོད་པའི་དཔའ་བོའི་རྗེས་དྲན་གྱི་རྡོ་རིང་མདུན་ཕྱི་ཚེས་ཟླ་༢ཚེས་༡༣ཉིན་སྒྲུབ་ཆེན་ཚེ་རིང་ལགས་ཀྱིས་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོང་གྱི་སྐོར་ལམ་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ཏེ་དེ་རིང་ཞག་ཞེ་དགུའི་མཆོད་འབུལ་སྨོན་ལམ་གནང་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org