སིཌ་ནི་མཐོ་སློབ་ལ་ཞུ་ཡིག་ལས་འགུལ།
སིཌ་ནི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གདན་ཞུ་ཕུལ་དགོས་པའི་ཆེད་ནིའུ་ཡོརྐ་ནང་ས་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་བཞིན་པ།
-
2013-04-21 -
-
-
སིཌ་ནི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་།
སིཌ་ནི་གཙུག་ལག་སློབ་གྲྭ
Your browser doesn’t support HTML5 audio
༄༅༎ཨོས་ཋརེ་ལི་ཡའི་སིཌ་ནི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་དྲུག་པའི་ནང་དགེ་ལས་སློབ་ཕྲུག་རྣམས་ལ་ཤེས་ཡོན་སློབ་གསོའི་བཀའ་སློབ་སྩལ་ཆེད་གདན་ཞུ་ཕུལ་ཡོད་ཀྱང་རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ཉེ་ཆར་གདན་ཞུ་དེ་ཕྱིར་འཐེན་བྱས་པར་སོང་འཛམ་གླིང་ས་ཕྱོགས་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ནས་༸གོང་ས་མཆོག་སླར་དུ་གདན་འདྲེན་ཞུ་དགོས་པའི་ཞུ་ཡིག་དང་ས་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་བཞིན་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་ནིའུ་ཡོརྐ་ནས་བཏང་བའི་གནས་ཚུལ་ཞིག་གསན་རོགས༎