འབྲས་སྤུངས་སུ་ཞབས་སོར་འཁོད།

༧གོང་ས་མཆོག་ཕྱི་ཚེས་༡༦ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཁུལ་དུ་རྟེན་གཞི་བྱེད་པའི་འབྲས་སྤུངས་དགོན་པར་ཞབས་སོར་འཁོད་འདུག

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་རྟེན་གཞི་བྱེད་པའི་འབྲས་སྤུངས་དགོན་པར་ཞབས་སོར་འཁོད་པ།

༄༅།    །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་གྱི་གནས་མཆོག་ཝ་ར་ཎ་སཱི་དང་།    རྒྱ་གར་རྒྱལ་ས་ལྡི་ལི་བཅས་སུ་བསྐྱངས་པའི་མཛད་འཆར་ཁག་གྲུབ་རྗེས་དེ་རིང་ཕྱི་ཚེས་༡༦ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཞབས་སོར་འཁོད་ཡོད་པ་རེད།    ཁུལ་དེར་༧གོང་ས་མཆོག་ནས་གཙོ་བོ་སང་ཉིན་ནས་ཕྱི་ཚེས་༢༢བར་འབྲས་སྤུངས་སུ་སྐོང་ཚོགས་གནང་རྒྱུའི་སེམས་དང་སྲོག་གི་ཚོགས་འདུའི་ནང་དབུ་བཞུགས་གནང་གི་ཡོད་པ་རེད།    ཞིབ་ཕྲ་ང་ཚོའི་རྒྱ་གར་ལྷོ་ཕྱོགས་གསར་འགོད་པ་པདྨ་དངོས་གྲུབ་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org