ལྷ་སར་བོད་མི་བརྒྱ་ཕྲག་འཛིན་བཟུང༌།

བོད་མི་གཉིས་ནས་རྒྱ་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་རྗེས་ལྷ་སར་དམ་བསྒྲགས་ཆེན་བྱས་འདུག

ལྷ་སའི་ནང་རྒྱ་ནག་གི་དཔུང་དམག་འགྲེམས་འཇོག་བྱས་པའི་འདྲ་པར། ཨེ་ཨེཕ་པི།

༄༅༎ཕྱི་ཟླ་༥ཚེས་༢༧རེས་གཟའ་ཉི་མའི་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་གཉིས་ནས་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་བསྲེགས་རྗེས་ལྷ་སའི་ནང་དམ་བསྒྲགས་ཆེན་པོ་བྱེད་བཞིན་ཡོད་པ་དང༌།ས་གནས་སྤྱི་བདེ་ཚན་པས་སྐབས་དེར་ས་གནས་སུ་ཡོད་པའི་བོད་མི་བརྒྱད་ཅུ་ཙམ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་སོགས་ཀྱི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org