བཀའ་ཤག་གི་གལ་ཆེའི་ལངས་ཕྱོགས།
སྲིད་སྐྱོང་ནས་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་ལྔ་པའི་ཐོག་བཀའ་ཤག་གི་ལངས་ཕྱོགས་གསལ་བཤད་གནང་བ།
-
2013-03-20 -
-
-
བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནང་གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་གནང་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།བསྟན་འཛིན་དོན་ཡོད།
Your browser doesn’t support HTML5 audio
༄༅༎ཕྱི་ཟླ་༣ཚེས་༢༠རེས་གཟའ་ལྷག་པའི་ཉིན་བཞུགས་སྒར་དྷ་རམ་ས་ལར་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་ལྔ་པའི་ཉིན་གསུམ་པའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ནས་བཀའ་ཤག་ངོས་ནས་བོད་ཕྱི་ནང་གཉིས་སུ་བོད་མི་ཚོས་བོད་དོན་ཆེད་རང་ལུས་མེར་སྲེག་གཏོང་བའི་གནད་དོན་དང༌།༸གོང་ས་མཆོག་གི་སྐུ་དབང༌རྒྱ་ནག་དབུ་ཁྲིད་གསར་པ་ཚོར་གཟིགས་ཚུལ།དབུ་མའི་ལམ་གྱི་སྲིད་ཇུས།དེ་བཞིན་རྒྱ་གར་དབུས་གཞུང་གིས་བཙུགས་པའི་བོད་སློབ་འཛིན་སྐྱོང་རྩིས་ལེན་གནང་ཕྱོགས་ཀྱི་སོགས་ཀྱི་སྲིད་ཇུས་གསལ་བཤད་གནང་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎