རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་བསྐྱེད་ཀྱི་ཉིན་མོར་སྲུང་བརྩི་ཞུས་པ།

བཀའ་སྤྱི་གཉིས་ནས་གསལ་བསྒྲགས་གནང་དོན་ལྟར་རྒྱ་གར་རྒྱལ་ས་ལྡིའི་གན་དྷི་དྲན་རྟེན་དུ་ནང་པའི་རྒྱལ་ཁབ་ཁག་གི་བོད་དོན་གདུང་སེམས་མཉམ་བསྐྱེད་ཀྱི་ཉིན་མོར་སྲུང་བརྩི་ཞུས་ཡོད་པའི་གནས་ཚུལ།

རྒྱ་གར་རྒྱལ་ས་ལྡིའི་གན་དྷི་དྲན་རྟེན་དུ་ནང་པའི་རྒྱལ་ཁབ་ཁག་གི་བོད་དོན་གདུང་སེམས་མཉམ་བསྐྱེད་ཀྱི་ཉིན་མོར་སྲུང་བརྩི་ཞུས་པ། བསོད་ནམས་དབང་འདུས།

༄༅༎ཕྱི་ཟླ་༥ཚེས་༡༧རེས་གཟའ་པ་སངས་ཉིན་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ཐུན་མོང་ནས་བོད་མི་གནས་སྡོད་གང་སར་རྒྱལ་སྤྱིའི་གདུང་སེམས་མཉམ་བསྐྱེད་ཀྱི་ཉིན་མོར་སྲུང་བརྩི་གནང་དགོས་པའི་གསལ་བསྒྲགས་གནང་བ་བཞིན་རྒྱ་གར་རྒྱལ་ས་ལྡི་ལིའི་གན་དྷི་དྲན་རྟེན་རཇ་གྷཊ་རུ་ནང་པའི་རྒྱལ་ཁབ་འདྲ་མིན་གྱི་དགེ་འདུན་པ་དང༌།ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་ལགས།བོད་མི་མང་སྤྱི་འཐུས་ཨ་ཙརྱ་ཡེ་ཤེས་ཕུན་ཚོགས་ལགས།སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས།ལྡི་ལི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སོགས་འདུ་འཛོམས་ཀྱིས་ཐེག་པ་ཆེ་ཆུང་གི་སྨོན་ལམ་འདོན་ནས་གདུང་སེམས་བསྐྱེད་ཀྱི་ཉིན་མོར་སྲུང་བརྩི་ཞུས་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org