མདོ་ཁམས་ཆུ་བཞི་སྒང་དྲུག་རེ་སྐུལ།
ཧོན་སུར་རབ་རྒྱས་གླིང་མདོ་སྟོད་བོད་མི་སེར་སྐྱ་མི་མང་ཁག་ཅིག་ནས་ཆུ་བཞི་སྒང་དྲུག་གི་ལངས་ཕྱོགས་ལ་བཅོས་སྒྱུར་དགོས་པའི་འབོད་སྐུལ་ཞུས་པ།
-
2013-04-23 -
-
-
མདོ་ཁམས་ཆུ་བཞི་སྒང་དྲུག་འགན་འཛིན་ལྷན་ཚོགས་ཐེངས་༤༣པ་འཚོགས་པའི་འདྲ་པར།
དཀར་མཛེས་བ་བསོད་ནམས་དབང་འདུས།
Your browser doesn’t support HTML5 audio
༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་དོན་འཐབ་རྩོད་དང་འབྲེལ་བའི་དབུ་མའི་ལམ་གྱི་ཐོག་གྲུབ་འབྲས་ཐོན་ཡོད་པའི་ལམ་སྟོན་བཀའ་སློབ་རིམ་པ་ཕེབས་པ་གཞི་རྩར་བཟུང་སྟེ་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་ནང་གི་མདོ་སྟོད་སེར་སྐྱ་མི་མང་ཁག་ཅིག་ནས་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་རང་བཙན་གཙང་མ་རྩོད་པའི་ལངས་ཕྱོགས་ལ་བཅོས་བསྒྱུར་དགོས་པ་དང་།རིང་མིན་བཞུགས་སྒར་དུ་རྒྱལ་སྤྱིའི་རང་བཙན་ཚོགས་ཆེན་ནང་མདོ་སྟོད་སྤྱི་འཐུས་རྣམ་པ་མཉམ་ཞུགས་མི་གནང་བའི་རེ་སྐུལ་གྱི་གྲོས་ཆོད་བཞག་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎