དིང་རི་ཁུལ་དུ་གངས་ཤུགས་ཆེ་བབས་པ།

བོད་ནུབ་རྒྱུད་སྟོད་དིང་རི་ཁུལ་དུ་གངས་ཆེན་པོ་བབས་པའི་རྐྱེན་གྱིས་ཡུལ་སྐོར་བར་དཀའ་ངལ་འཕྲད་བཞིན་པ་དང་ས་གནས་ཀྱི་ཞིང་པའི་སྟོན་ཐོག་ལ་གནོད་སྐྱོན་ཚབས་ཆེ་ཕོག་ཡོད་པའི་གནས་ཚུལ།

བོད་ཀྱི་ནུབ་རྒྱུད་སྟོད་དིང་ཁུལ་དུ་གངས་ཆེན་པོ་བབས་པའི་རྐྱེན་གྱིས་ཞིང་པའི་སྟོན་ཐོག་ལ་གནོད་སྐྱོན་ཚབས་ཆེ་ཕོག་འདུག ཐུབ་བསྟན་སངས་རྒྱས།

༄༅༎ཉེ་བའི་ཉིན་ཤས་ནང་ཧི་མ་ལ་ཡ་ཁུལ་དུ་ཁ་བ་ཤུགས་ཆེ་བབས་ཡོད་པ་དང་བོད་ནུབ་རྒྱུད་སྟོད་དིང་རི་རྫོང་ཁུལ་དུ་ཁ་བ་ཤུགས་ཆེ་བབས་པའི་རྐྱེན་གྱིས་འགྲོ་ལམ་འགགས་ནས་ཡུལ་སྐོར་བར་དཀའ་ངལ་འཕྲད་བཞིན་ཡོད་པ་དང༌།ས་གནས་ཞིང་པ་ཚོའི་སྟོན་ཐོག་ལ་གནོད་སྐྱོན་བྱུང་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བལ་ཡུལ་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་སུ་སྟོད་དིང་རི་ནས་བོད་མི་ཁག་ཅིག་གིས་འགྲེལ་བརྗོད་གནང་བའི་སྐོར་གནས་ཚུལ་ཞིག་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org