མེས་པོ་དམ་པ་གཱན་དྷིའི་འཁྲུངས་སྐར།

འཚེ་མེད་ཞི་བའི་ལམ་ནས་རྒྱ་གར་གྱི་རང་བཙན་རྩོད་ལེན་གནང་མཁན་མེས་པོ་དམ་པ་གཱན་དྷིའི་འཁྲུངས་སྐར་གྱི་ཉིན་མོ་དེ་མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱལ་སྤྱིའི་འཚེ་བ་མེད་པའི་ཉིན་མོར་གཏན་འབེབས་གནང་བའི་གནས་ཚུལ།

མེས་པོ་དམ་པ་གན་དྷིའི་འཁྲུངས་སྐར་གྱི་ཉིན་མོ་དེ་མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱལ་སྤྱིའི་འཚེ་བ་མེད་པའི་ཉིན་མོར་གཏན་འབེབས་གནང་བ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསྟན་འཛིན་དོན་ཡོད།

༄༅༎ཕྱི་ཟླ་༡༠ཚེས་༢རེས་གཟའ་ལྷག་པའི་ཉིན་ཨིན་ཇིའི་དབང་སྒྱུར་འོག་ནས་འཚེ་བ་མེད་པའི་ལམ་ནས་རང་བཙན་རྩོད་ལེན་གྱི་འཐབ་རྩོད་གནང་མཁན་དབུ་ཁྲིད་བདག་ཉིད་ཆེན་པོ་གཱན་དྷི་མཆོག་སྐུ་འཁྲུངས་ནས་ལོ་ངོ་༡༤༤འཁོར་བའི་དུས་དྲན་ཉིན་མོ་དེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱལ་སྤྱིའི་འཚེ་བ་མེད་པའི་ཉིན་མོར་གཏན་འབེབས་གནང་ཡོད་པ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་གཞུང་འབྲེལ་ཐོག་ནས་སྲུང་བརྩི་གནང་སྟེ་རྒྱ་གར་གཞུང་མང་ལ་འཚམས་འདྲི་གནང་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org