ཉིས་སྟོང་དགུའི་བདེན་པའི་སྒྲོན་མེའི་གཟེངས་རྟཊ།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལོ་རེའི་བདེན་པའི་སྒྲོན་མེ་ཞེས་པའི་བྱ་དགའ་དེ་༸གོང་ས་མཆོག་གིས་གསོལ་བསྩལ་གནང་ཡོད་པ།
-
2009-10-08 -
-
-
Your browser doesn’t support HTML5 audio
ལེ་ཚན་ལ་གསན་རོགས། |
༄༅༎ཕྱི་ཟླ་བཅུ་པའི་ཚེས་བདུན་རེས་གཟའ་ལྷག་པའི་ཉིན་ཨ་མེ་རི་ཀའི་རྒྱལ་ས་ཝ་ཤིང་ཀྲོན་གྱི་སིཌ་ནི་ཧར་བར་ཚོགས་ཁང་གི་ནང་དུ།རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལོ་རེའི་བོད་དོན་ཐོག་ཕྱག་ལས་གནང་མཁན་མི་སྣ་ཁག་ལ་བདེན་པའི་སྒྲོན་མེའི་གཟེངས་རྟགས་གནང་རྒྱུའི་མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་རིགས་མཁས་དབང་ཁག་ཅིག་དང་ཨ་རིའི་གཞུང་གི་བོད་དོན་འབྲེལ་མཐུད་སྐུ་ཚབ་ཇུ་ལི་ཡ་ཊཕྚ་དམ་དེར་གནང་ཡོད་པ་དང༌།མཛད་སྒོའི་ཐོག་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་དང་།ཨ་རིའི་རྒྱ་ནག་སྐུ་ཚབ་ཟུར་པ་དང་རི་ཆརྜ་གེར་གཙོས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ལྔ་བརྒྱ་ལྷག་ནས་མཛད་སྒོར་བཅར་ཡོད་པའི་སྐོར།འདི་གའི་གསར་འགོད་པ་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་ས་གནས་བཏང་བའི་གནས་ཚུལ་ཞིག་ལ་གསན་རོགས་གནོངས༎