རྒྱ་མིས་བོད་མི་ཞིག་ལ་ཟླ་གསུམ་རིང་ཉེས་རྡུང༌བཏང་ཡོད་པ།

བོད་མི་ཞིག་བོད་ནང་གཉེན་འཕྲད་དུ་འགྲོ་སྐབས་རྒྱ་མིའི་མཐའ་སྲུང་དམག་མིས་འཛིན་བཟུང་བྱས་ཏེ་ཉེས་རྡུང་དང་འདྲི་རྩད་བྱས་པ།

གསར་འགྱུར་ལ་གསན་རོགས།

༄༅༎དགུང་ལོ་༢༤་ལ་སོན་པ་དེ་སྔ་བལ་ཡུལ་དགོན་པ་ཞིག་གི་ནང་བསྡད་མྱོང་མཁན་བོད་མི་ཞིག ཕྱི་ལོ་ཉིས་སྟོང་བཅུ་ཟླ་བཅུ་གཅིག་པའི་ཚེས་ཤར་དུ་བོད་ལ་གཉེན་འཕྲད་དུ་འགྲོ་སྐབས། བལ་ཡུལ་དང་བོད་ཀྱི་ས་མཚམས་སུ་རྒྱ་མིའི་མཐའ་སྲུང་དམིག་མིས་འཛིན་བཟུང་བྱས་ཏེ་ཉེས་རྡུང་ཚད་མེད་བཏང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་སྒྲོལ་མ་ལགས་ཀྱིས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས་ཞུ༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org