ཨོ་རྒྱན་བཀྲིས་ལ་མེ་མདའ་ཐེངས་༨ཙམ་ཕོག།
ད་ལྟ་རང་གནས་ཚུལ་འབྱོར་བ་ལྟར་ན་རྟའུ་ཕྱོགས་ཀྱི་དོན་རྐྱེན་ཁྲོད་ད་ལྟ་ཤེས་རྟོགས་བྱུང་བ་མེ་མདའ་ཕོག་པའི་མི་གྲངས་༡༡ཆགས་འདུག
-
2013-07-09 -
-
-
Your browser doesn’t support HTML5 audio
༄༅༎རྟའུ་ཡི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྐབས་རྒྱ་ཡི་མེ་མདའ་ཕོག་པའི་བོད་མིའི་གྲངས་འབོར་༡༡ལ་སླེབས་ཡོད་པ་མ་ཟད། ཨོ་རྒྱན་བཀྲིས་ལ་མེ་མདའ་ཐེངས་བརྒྱད་ཙམ་ཕོག་ཡོད་པའི་སྐོར། འབྲེལ་ཡོད་མི་སྣས་འདྲ་པར་དང་བཅས་འདི་གའི་གསར་འགོད་པ་དཀར་མཛེས་བསོད་ནམས་དབང་འདུས་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས་ཞུ༎
ད་ལྟ་རང་གནས་ཚུལ་འབྱོར་བ་ལྟར་ན་རྟའུ་ཕྱོགས་ཀྱི་དོན་རྐྱེན་ཁྲོད་ད་ལྟ་ཤེས་རྟོགས་བྱུང་བ་མེ་མདའ་ཕོག་པའི་མི་གྲངས་༡༡ཆགས་འདུག
༡ རྟའུ་ཉི་མཚོ་དགོན་པའི་ཕྱག་མཛོད་ཟུར་བ་བཀྲ་ཤིས་བསོད་ནམས།
༢ དཔལ་ལྡན་ཆོས་མཚོའི་གཅུང་པོ་གྲ་བྱང་ཆུབ་རྡོ་རྗེ།
༣་ བྲང་ཆུང་གྲོང་པའི་མི་སྐྱ་ཨ་རྒྱ་བཀྲ་ཤིས། ༼རྨས་སྐྱོན་ཛ་དྲག་ཤོས་ཕོག་ཡོད།༽
༤ གྲ་བློ་བཟང་རྡོ་རྗེ།
༥ ཁོ་རོ་གྲོང་པ་མི་སྐྱ་བཀྲ་ཤིས་རྒྱལ་མཚན།
༦ སྐྱང་གསོ་གྲོང་པ་མི་སྐྱ་བཟང་པོ།
༧ མདུན་སྐྱ་གྲོང་པའི་མི་སྐྱ་སྙན་གྲགས།
༨ རྟའུ་ཉི་མཚོ་དགོན་པའི་དགེ་བསྐོས་རྒྱ་མཚོ།
༩ བཙུན་མ་སྒྲོལ་མ།
གཞན་ཁ་གནོན་གནས་ཚུལ་དེ་རིང་འབྱོར་བ།
༡༠ གྲྭ་ཚེ་དབང་ཆོས་འཕེལ་ལ་མེ་མདའ་ཐེངས་མང་ཕོག་ཡོད་པ་ད་ལྟ་སྨན་བཅོས་བྱེད་བཞིན་ཡོད།
༡༡ རྒྱལ་མཚན་ལགས་ཀྱི་རྩིབ་མ་བཅག་ཡོད་འདུག