ཁམས་དཀར་མཛེས་ཁུལ་དུ་བོད་དོན་སྦྱར་ཡིག་སྦྱར་ཡོད་པ།

ཁམས་དཀར་མཛེས་ལྷོ་པ་ཤང་ཁྲུག་ལོ་གྲོང་ནས་ཡིན་པའི་བློ་ཡོན་གྱིས་ཉེན་རྟོག་ལས་ཁུངས་མདུན་དུ་བོད་དོན་སྦྱར་ཡིག་སྦྱར་ཡོད་པའི་གནས་ཚུལ།

གསར་འགྱུར་གསན་རོགས་གནང་།

༄༅༎ཁམས་དཀར་མཛེས་ལྷོ་པ་ཤང་ཁྲུག་ལོ་གྲོང་གི་ཕ་བཀྲིས་ཆོས་རྒྱལ་དང་མ་ནོར་འཛོམས་གཉིས་ཀྱི་བུ་རང་ལོ་ཉི་ཤུ་རྩ་བཞི་ཡིན་པ་བློ་ཡོན་གྱིས་དཀར་མཛེས་ཉེན་རྟོག་ལས་ཁུངས་མདུན་དུ་བོད་རང་བཙན་ཐོབ་ཚར་ཟེར་བའི་སྦྱར་ཡིག་མང་པོ་སྦྱར་བའི་རྐྱེན་གྱིས་ཟླ་བཞི་པའི་ཚེས་ཉི་ཤུའི་མཚན་མོ་ཆུ་ཚོད་དགུ་པ་ཡས་མས་ཤིག་ལ་བློ་བུར་དུ་རྒྱ་དམག་བརྒྱ་ལྷག་ཙམ་སླེབས་ནས་ཁོང་འཛིན་བཟུང་བྱས་ཡོད་པའི་སྐོར་འདི་གའི་གསར་འགོད་པ་ནོར་བུ་དགྲ་འདུལ་གྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པ་ཞིག་གསན་རོགས་གནང་༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org