མདོ་སྨད་སློབ་ཕྲུག་ཚོར་མུ་མཐུད་དམ་བསྒྲགས།

བོད་ཡིག་སློབ་ཚན་རྣམས་རྒྱ་ཡིག་ཏུ་འགྱུར་རྒྱུའི་སྲིད་ཇུས་ལ་བོད་ཀྱི་མདོ་སྨད་ཁུལ་གྱི་སློབ་མ་ཚོས་ངོ་རྒོལ་ལས་འགུལ་སྤེལ་བའི་རྐྱེན་པས་དགེ་སློབ་ཚོར་མུ་མཐུད་དམ་བསྒྲགས་བྱེད་བཞིན་འདུག

དེ་སྔ་མདོ་སྨད་ཁུལ་དུ་སྐད་ཡིག་རང་དབང་ཆེད་སློབ་ཕྲུག་གིས་སྐད་འབོད་གནང་བ།

༄༅།    །འདས་མ་ཐག་པའི་༢༠༡༢ ལོ་དང་༢༠༡༣ ལོ་གསར་པ་དེའི་ནང་ཨ་མདོའི་ས་ཁུལ་མང་པོ་ཞིག་ནས་བོད་མི་སྟོང་ཕྲག་མང་པོས་རྒྱ་ནག་གཞུང་གིས་བོད་མིིའི་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་ཇུས་དང༌། ལྷག་པར་དུ་བོད་མི་རིགས་དང་དེའི་ངོ་བོ་རྩ་མེད་གཏོང་རྒྱུའི་སྲིད་ཇུས་འཛིན་ཏེ་བོད་པའི་སློབ་གྲྭ་ཁང་ནང་རྒྱ་ཡིག་གཙོ་བོར་བྱས་ཏེ་སློབ་ཁྲིད་བྱ་དགོས་པའི་སྲིད་ཇུས་སོགས་ལ་ཞི་བའི་ངོ་རྒོལ་བྱས་པ་སོགས་ལ་བརྟེན་ནས་ད་ཆ་མུ་མཐུད་དམ་བསྒྲགས་བྱེད་བཞིན་ཡོད་པ་རེད་འདུག    དེའི་སྐོར་ང་ཚོའི་གསར་འགོད་པ་ནོར་བུ་དགྲ་འདུལ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org