བཀའ་ཁྲི་ལོ་གཅིག་འཁོར་བའི་ཉིན་མོ་སྲུང་བརྩི།
ཕྱི་ཟླ་ ༡༢ པའི་ནང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ཚོགས་བསྐོང་བྱས་ཏེ་འབྱུང་འགྱུར་རྒྱ་ནག་གི་གནས་སྟངས་སྤྱི་དང༌། འགོ་འཁྲིད་འཕོ་འགྱུར་ལ་གཞིགས་ནས་དོན་ཕན་ལྡན་པའི་ཞི་མོལ་ཡོང་ཐབས་བཅས་ཀྱི་སྐོར་བསམ་ཞིབ་གོ་བསྡུར་ཞུ་རྒྱུ་ཡིན་གསུངས།
-
2012-08-09 -
-
-
བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་བཀའ་ཁྲིའི་ཐུགས་འགན་བཞེས་ཏེ་ལོ་གཅིག་འཁོར་བའི་གསར་འགོད་གསལ་བསྒྲགས་བསྐྱངས་པ།
བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།
༄༅། །ཁ་སང་རེས་གཟའ་ལྷག་པའི་ཉིན་བློ་བཟང་སེངྒེ་མཆོག་གིས་བཀའ་བློན་ཁྲི་པའི་ཐུགས་འགན་བཞེས་ནས་ལོ་གཅིག་ཧྲིལ་པོ་འཁོར་བའི་དུས་ཚིགས་འཁེལ་ཡོད་པ་རེད། དུས་ཚིགས་དེ་དང་བསྟུན། བཀའ་ཁྲི་མཆོག་ནས་ད་བར་ལས་དོན་གནང་བ་ཁག་ལ་བསྐྱར་ཞིབ་ཀྱིས་གྲུབ་འབྲས་ཐོན་པ་ཁག་ཅིག་ལ་ངོས་འཛིན་དང་མུ་མཐུད་མདུན་བསྐྱོད་གནང་ཕྱོགས་སྐོར་ངོ་སྤྲོད་གསུང་བཤད་གནང་ཡོད་པ་རེད། ཞིབ་ཕྲ་བཞུགས་སྒར་དྷ་རམ་ས་ལ་ནས་ང་ཚོའི་གསར་འགོད་པ་བསྟན་འཛིན་དབང་རྒྱལ་གྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།