བོད་མི་ནད་པ་ཚོར་སྨོན་ཚད་ལྡན་མེད་པ།

ས་ཡོམ་གྱི་གོད་ཆགས་ཕོག་མཁན་གྱི་བོད་མི་ནད་པ་ཚོར་སྨན་བཅོས་ཚད་ལྡན་མེད་པའི་རྐྱེན་གྱིས་སྨན་ཁང་ནས་ཕྱིར་མ་ཐོན་ཀ་མེད་བྱུང་ཡོད་པ།

གསར་འགྱུར་ལ་གསན་རོགས།

༄༅༎ཉེ་སྔོན་བོད་ཁམས་སྐྱེ་རྒུ་མདོ་རུ་ས་ཡོམ་གྱི་གོད་ཆགས་ཕོག་སྐབས་རྒྱ་ནག་གཞུང་གིས་རྨ་སྐྱོན་ཕོག་མཁན་གྱི་མི་མང་དེ་དག་རྒྱ་ནག་གི་གྲོང་ཁྱེར་ཁག་གི་ནང་སྨན་བཅོས་ཆེད་དུ་ཁྲིད་ཡོད་ཀྱང༌།ད་ལྟ་བོད་མི་དེ་དག་ལ་སྨན་བཅོས་ཚད་ལྡན་མེད་པའི་རྐྱེན་གྱིས་སྨན་ཁང་ནས་ཕྱིར་མ་ཐོན་ཀ་མེད་བྱུང་ཡོད་པའི་སྐོར།སྐྱེ་རྒུ་མདོ་ནས་ཡིན་པའི་བོད་མི་ཞིག་གིས་འདི་གའི་གསར་འགོད་པ་དཀར་མཛེས་ནོར་བུ་དགྲ་འདུལ་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org