བོད་མི་གློད་བཀྲོལ་བཏང་བ་དེ་དག་ལ་རྨ་སྐྱོན་ཕོག་ཡོད་པ།
རྒྱ་གཞུང་གིས་ཟླ་འདིའི་ཕྱི་ཚེས་བཅུ་དྲུག་ཉིན་གློད་བཀྲོལ་བཏང་བའི་བོད་མི་བདུན་དེ་དག་ལ་རྨ་སྐྱོན་ཕོག་ཡོད་པའི་གནས་ཚུལ།
-
2009-12-17 -
-
-
Your browser doesn’t support HTML5 audio
གསར་འགྱུར་ལ་གསན་རོགས། |
༄༅༎ཉེ་ཆར་བོད་ཁམས་ལི་ཐང་ཁུལ་དུ་སེར་སྐྱ་བོད་མི་འབོར་ཆེན་ཞིག་གིས་མ་སྐུལ་དང་བླངས་ཐོག་ནས།ཉག་ཆུ་རྫོང་གི་རྒྱ་གཞུང་ལས་ཁུངས་ཀྱི་མདུན་དུ་འདུ་འཛོམས་བྱས་ཏེ།ཞི་བའི་སྒོ་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་ཁྲིམས་བཅད་ལ་དྲང་བདེན་གྱི་བསྐྱར་ཞིབ་དགོས་པའི་ཞུ་འབུལ་གནང་སྐབས།རྒྱ་ནག་ཉེན་རྟོག་པ་དང་དམག་དཔུང་གིས་ཉེས་རྡུང་ཚད་མེད་དང་འཛིན་བཟུང་བཙོན་འཇུག་བྱས་རྗེས།ཟླ་འདིའི་ཕྱི་ཚེས་བཅུ་དྲུག་གི་ཉིན་བོད་མི་བདུན་གློད་བཀྲོལ་བཏང་ཡོད་པའི་སྐོར།འབྲེལ་ཡོད་མི་སྣ་ཞིག་གིས་འདི་གའི་གསར་འགོད་པ་རྡོ་གཅོད་བསྟན་འཛིན་དབང་རྒྱལ་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས༎