ལྡི་ལིའི་ནང་བོད་རིགས་སློབ་ཕྲུག་བརྒྱད་ནས་ཟས་བཅད་ངོ་རྒོལ།
རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་བོད་རིགས་སློབ་ཕྲུག་ཁག་ནས་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེ་མཚོན་ཆེད་དུ་ཟས་བཅད་ངོ་རྒོལ།
-
2011-10-03 -
-
-
ལྡི་ལི་རུ་བོད་རིཊ་སློབ་ཕྲུག་ཁག་ནས་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེ་མཚོན་ཆེད་དུ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པ།
བོད་རང་བཙན་སློབ་ཕྲུག་ཚོགས་པ།
Your browser doesn’t support HTML5 audio
གསར་འགྱུར་ལ་གསན་རོགས། |
༄༅༎ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡ ཉིན། རྒྱ་གར་གྱི་རྒྱལ་ས་ལྡིའི་མཐོ་སློབ་ཁག་གི་ནང་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་སློབ་ཕྲུག་བརྒྱད་ཀྱིས། བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་མཚོན་ཆེད་དུ། ཉིན་བདུན་རིང་གི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་འགོ་བཙུགས་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བསོད་ནམས་དབང་འདུས་ལགས་ཀྱིས་ས་གནས་ས་ཐོག་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས་ཞུ༎