བོད་ནང་འཁྲུངས་སྐར་སྲུང་བརྩིའི་བརྙན་འཕྲིན་རྒྱ་གར་དུ་འབྱོར་བ།
ཁམས་རྟའུ་རྫོང་དུ་བོད་མི་ཚོས་༸གོང་ས་མཆོག་དགུང་ལོ་༧༥་བཞེས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་སྐབས་ཀྱི་བརྙན་རྒྱ་གར་དུ་འབྱོར་བ།
-
2010-12-07 -
-
-
Your browser doesn’t support HTML5 audio
གསར་འགྱུར་ལ་གསན་རོགས། |
༄༅༎ཕྱི་ལོ་ཉིས་སྟོང་བཅུ་ཟླ་བདུན་པའི་ཚེས་དྲུག་གི་ཉིན། རྒྱ་ནག་གཞུང་གིས་དམ་བསྒྲགས་བྱེད་མིན་ལ་མ་ལྟོས་པར་བོད་ཁམས་རྟུའུ་རྫོང་དུ་བོད་མི་སྟོང་ཕྲག་ལྷག་ཙམ་འདུ་འཛོམས་བྱས་ཏེ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་༧༥་བཞེས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་སྐབས་བརྒྱབ་ཡོད་པའི་བརྙན་འཕྲིན་འཁོར་ཐག་ཅིག་གསང་བའི་ཐོག་ནས་རྒྱ་གར་དུ་འབྱོར་ཡོད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་གྲྭ་ཚེ་དབང་ལགས་ཀྱིས་འདི་གའི་གསར་འགོད་པ་དཀར་མཛེས་ནོར་བུ་དགྲ་འདུལ་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས༎