ཞི་རྒོལ་བར་དྲག་གནོན།

བོད་ཀྱི་ཁམས་ཡུལ་ཤུལ་ཁུལ་དགེ་འབྲོང་རྫ་སྟོད་རྫོང་དུ་རྒྱ་མིས་གཏེར་ཁ་སྔོག་འདོན་པ་དང་རྒྱ་མིའི་དྲག་པོའི་དམག་གིས་བོད་མི་ཞི་བའི་ངོ་རྒོལ་བའི་ཐོག་རྒྱ་མིའི་དམག་མི་རླངས་འཁོར་༦༠ བཏང་ནས་དྲག་གནོན་བྱེད་བཞིན་ཡོད་པ་རེད།

ཁམས་ཡུལ་ཤུལ་ཁུལ་དགེ་འབྲོང་རྫ་སྟོད་རྫོང་དུ་རྫ་དྲག་གི་གནས་སྟངས། དཀོན་མཆོག་དོན་གྲུབ།

༄༅།    །དེ་རིང་གི་གཞིས་བྱེས་བོད་མི་ཞེས་པའི་ལེ་ཚན་ནང་།    བོད་ཀྱི་ཁམས་ཡུལ་ཤུལ་ཁུལ་དགེ་འབྲོང་རྫ་སྟོད་རྫོང་དུ་རྒྱ་མིས་གཏེར་ཁ་སྔོག་འདོན་པ་དང་རྒྱ་མིའི་དྲག་པོའི་དམག་གིས་བོད་མི་ཞི་བའི་ངོ་རྒོལ་བའི་ཐོག་རྒྱ་མིའི་དམག་མི་རླངས་འཁོར་༦༠ བཏང་ནས་དྲག་གནོན་བྱས་ནས་ད་ལྟའི་ཆ་ལ་གནས་སྟངས་གང་འདྲ་ཆགས་ཡོད་མེད་དང་།    བོད་ནང་གཏེར་ཁ་སྔོག་འདོན་མཚོན་པའི་བོད་མིའི་ཐོག་རྒྱ་ནག་གཞུང་གིས་མི་རིགས་དབྱེ་འབྱེད་ སོགས་ཀྱི་སྲིད་བྱུས་ལག་ལེན་བསྟར་བཞིན་ཡོད་པ་སོགས་ཀྱི་སྐོར་ཚེ་དབང་ནོར་བུས་འབྲེལ་ཡོད་ལ་གནས་འདྲི་ཞུས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པ་གསན་རོགས་ཞུ༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org