རྒྱ་གཞུང་གིས་དགེ་འདུན་གསུམ་འཛིན་བཟུང་བྱས་པ།

ཨ་མདོ་མགོ་ལོག་གནུབ་ཟུར་དགོན་གྱི་གྲྭ་གསུམ་ནས་བོད་ཀྱི་རྒྱལ་དར་འཕྱར་བ།

གསར་འགྱུར་ལ་གསན།

༄༅༎ཐེངས་འདིའི་བསམ་བློའི་དཔྱད་གཞིའི་ལེ་ཚན་གྱི་ནང་དུ་ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན་མདོ་སྨད་མགོ་ལོག་གསེར་རྟ་རྫོང་ཐོག་ཏུ་གནུབ་ཟུར་དགོན་པའི་དགེ་འདུན་གསུམ་གྱིས་ལག་ཏུ་བོད་ཀྱི་རྒྱལ་དར་འཕྱར་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱིས་རྔམ་སྟོན་བྱས་པར་བརྟེན་ཁོང་གསུམ་པོ་འཛིན་བཟུང་བྱས་ཡོད་པའི་སྐོར་གནས་ཚུལ་དེར་རྒྱུས་མངའ་ཡོད་མཁན་བོད་མི་དམངས་མདོ་སྨད་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་ལ་སྟག་ལྷ་རྒྱལ་གྱིས་ཁ་པར་བརྒྱུད་བཅར་འདྲི་བྱས་པར་གསན་རོགས་གནོངས༎

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org