རྒྱ་གར་ནས་བོད་བར་གོམ་བགྲོད་པ་འཛིན་བཟུང༌།

བོད་དང་རྒྱ་གར་གྱི་ས་མཚམས་སུ་སླེབས་ལ་ཉེ་བའི་སྐབས་རྒྱ་གར་གྱི་ཉེན་རྟོག་པས་འཛིན་བྱས་པའི་གནས་ཚུལ།

༄༅༎དེ་རིང་གི་རང་དབང་གི་གླེང་སྟེགས་ཞེས་པའི་ལེ་ཚན་ནང་དུ་རྒྱ་གར་ནས་བོད་བར་དུ་གོམ་བགྲོད་བྱེད་མཁན་མི་གྲངས་ཉིས་བརྒྱ་ལྔ་བཅུ་ཙམ་བོད་ཀྱི་ས་མཚམས་སུ་སླེབས་ལ་ཉེ་བའི་སྐབས་རྒྱ་གར་གྱི་ཉེན་རྟོག་པས་བཙན་ཤེད་ཀྱིས་པོན་ཀྲ་ས་ཧིབ་ས་གནས་སུ་ཕྱིར་ཁྲིད་ཡོང་བའི་ཐད་ལ་ས་གནས་དེར་ཆེད་དུ་བཅར་བའི་འདི་གའི་གསར་འགོད་པ་བློ་བེ་དང་དེ་བཞིན་གོམ་བགྲོད་ནང་ཞུགས་མཁན་གྲྭ་ཀུན་དགའ་ལགས་གཉིས་དང་མཉམ་དུ་དཔལ་ལྡན་རྒྱལ་གྱིས་གླེང་མོལ་བྱས་པར་ཉན་རོགས་ཞུ༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org