ཁྱེད་ལ་རོལ་དབྱངས་ཀྱིས་མྱ་ངན་ཞུ།
རྒྱ་ནག་གཞུང་གི་རྡུག་རྩུབ་ཅན་གྱི་སྲིད་བྱུས་ལ་མི་བཟོད་ནས་བོད་ནང་གི་བོད་མི་ཚོས་ཐ་ན་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་ཡོད་པ་རེད། དེ་འདྲའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དེར་གདུང་སེམས་མཉམ་བསྐྱེད་ཆེད། ཁྱེད་ལ་རོལ་དབྱངས་ཀྱིས་མྱ་ངན་ཞུ་ཞེས་པའི་དགོང་ཚོགས་ཤིག་གནང་ཡོད་པ་རེད།
-
2012-09-14 -
-
-
ཁྱེད་ལ་རོལ་དབྱངས་ཀྱིས་མྱ་ངན་ཞུ་ཞེས་པའི་དགོང་ཚོགས་ཀྱི་དྲིལ་བསྒྲགས་དཔར་རིས།
ཨ་རིག་འགྱུར་མེད་ལགས།
Your browser doesn’t support HTML5 audio
༄༅། །འདི་རིང་གི་རང་དབང་གི་གླེང་སྟེགས་ཞེས་པའི་ལེ་ཚན་ནང་། ཉེ་ལམ་རྒྱ་གར་དྷ་རམ་ས་ལ་རུ་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཆེད། ཁྱེད་ལ་རོལ་དབྱངས་ཀྱིས་མྱ་ངན་ཞུ། ཞེས་པའི་རིག་རྩལ་དགོང་ཚོགས་ཞིག་འཚོགས་ཡོད་པ་དེའི་ནང་ལ་དངོས་སུ་ཞུགས་མཁན་མི་སྣ་གཉིས་དང་མཉམ་དུ་དཔལ་ལྡན་རྒྱལ་གྱིས་གླེང་མོལ་བྱས་པར་གསན་རོགས་ཞུ།