སློབ་གསོའི་ཚབ་ཏུ་སྐྱོན་བརྗོད།

རྒྱ་གཞུང་གིས་བོད་ཀྱི་བླ་མ་དང་དགེ་བཤེས་སོགས་ལ་དགོན་པའི་ནང་སློབ་གསོའི་ལས་འགུལ་སྤེལ་དགོས་པའི་བཀའ་བཏང་བ།

བླ་བྲང་དགོན་པའི་འདྲ་པར། དཔལ་ལྡན་རྒྱལ།

༄༅༎དེ་རིང་གི་རང་དབང་གི་གླེང་སྟེགས་ཞེས་པའི་ལེ་ཚན་ནང་དུ།  དེང་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་མ་དང་། དགེ་བཤེས། དཔོན་པོ་སོགས་ལ་དགོན་པའི་གྲ་བ་རྣམས་དང་། མི་མང་ལ་སློབ་གསོ་རྒྱག་ཏུ་འཇུག་པའི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་ལྟར། ད་ལོའི་སྤྱི་ཟླ་གསུམ་པའི་ནང་ས་གནས་འཐབ་ཕྱོགས་གཅིག་གྱུར་ཁང་དང་།  འབྲེལ་ཡོད་ལས་ཁུངས་ཀྱིས་ཨ་མདོ་བླ་བྲང་དགོན་པའི་དགེ་བཤེས་བཀྲ་ཤིས་རྒྱ་མཚོ་ལགས་སུ་དགོན་པའི་གྲྭ་མང་ལ་སློབ་གསོ་རྒྱག་དགོས་པའི་རེ་འདུན་བཏོན་པ་ལྟར། དགེ་བཤེས་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས་གྲྭ་མང་ལ་སློབ་གསོ་རྒྱག་རྒྱུའི་ཚབ་ཏུ། རྒྱ་ནག་གཞུང་གི་སྲིད་ཇུས་ལ་སྐྱོན་བརྗོད་དང་འབྲེལ་སྲིད་གཞུང་ལ་རེ་འདུན་བཏོན་ཡོད་པའི་གནས་ཚུལ་དཔལ་ལྡན་རྒྱལ་གྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org