དཀོན་མཆོག་བསོད་ནམས་ནས་རང་ལུས་མེར་སྲེག་བཏང་།

ལོ་ན་བཅོ་བརྒྱད་ལས་མ་ཟིན་པ་དགེའདུན་པ་དཀོན་མཆོག་བསོད་ནམས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་འདུག

ལོ་ན་བཅོ་བརྒྱད་ལས་མ་ཟིན་པ་དགེའདུན་པ་དཀོན་མཆོག་བསོད་ནམས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་འདུག ལོ་སྦེ།

དེ་རིང་ཕྱི་ཟླ་ ༧ ཚེས་ ༢༠ ཉིན་སླར་ཡང་བོད་པའི་དགེ་འདུན་པ་ལོ་ན་བཅོ་བརྒྱད་ལས་མ་ཟིན་པ་ཞིག་གིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་འདུག།  རང་ལུས་མེར་བསྲེགས་བཏང་མཁན་གྱི་དགེའདུན་པ་དཀོན་མཆོག་བསོད་ནམས་ལགས་ནི་ དེང་སྐབས་ཟི་ཁྲོན་ཞིང་ཆེན་གྱི་མངའ་ཁོངས་སུ་ཏོག་པ་ཨ་མདོ་རྔ་པ་ཁུལ་མཛོད་དགེ་རྫོང་ཐང་སྐོར་སོག་ཚང་དགོན་པའི་དགེ་འདུན་པ་ཞིག་ཡིན་འདུག་པ་དང་། ཁོང་གིས་ དེ་རིང་སྔ་དྲོ་ཆུ་ཚོད་བརྒྱད་དང་སྐར་མ་ ༤༠ ཡས་མས་སུ་སོག་ཚང་དགོན་པའི་གཞུང་ཁང་གི་མདུན་རང་ལུས་མེར་སྲེག་བཏང་ཞིང་། ད་ཆ་སོག་ཚང་དགོན་པའི་ནང་རྒྱ་ནག་གཞུང་གི་དམག་མི་དང་ཉེན་རྟོག་པ། དེ་བཞིན་ལས་བྱེད་མི་སྣ་འབོར་ཆེན་འབྱོར་ཏེ། འདས་གྲོངས་སུ་གྱུར་བ་དཀོན་མཆོག་བསོད་ནམས་ལགས་ཀྱི་ཕུང་པོ་རྩིས་སྤྲོད་དགོས་ལུགས་བརྗོད་བཞིན་ཡོད་འདུག་ཀྱང།  དགོན་པའི་དགེ་འདུན་པ་ཚོས་དེར་དྭངས་ལེན་མི་བྱེད་པའི་ཁར་། ས་གནས་ཐང་སྐོར་འབྲོག་སྡེའི་མི་མང་པོ་ཞིག་དགོན་པར་ཡོང་སྟེ་དགེ་འདུན་པ་ཚོར་རྒྱབ་སྐྱོར་བྱེད་ཆེད་འབྱོར་ཡོད་འདུག།

ཨེཤི་ཡ་རང་དབང་རླུང་འཕྲིན་ཁང་གི་རྡ་རམ་ས་ལའི་གསར་འགོད་པ་སོག་ཚང་ལོ་སྦེ་ལགས་ལ་ས་གནས་ནས་གནས་ཚུལ་མཁོ་སྤྲོད་གནང་མཁན་ཞིག་གིས་བརྗོད་པར་གཞིགས་ན།  རྒྱ་ནག་གི་དྲག་པོའི་དཔུང་དམག་དང་དགོན་པའི་དགེ་འདུན་པ་དང་ས་གནས་བོད་རིགས་དབར་གདོང་ཏུག་བྱེད་པའི་ཉེན་ཁ་ཡོད་པ་ཡིན་འདུག།  འདིའི་སྐོར་རྡ་རམ་ས་ལ་ནས་སོག་ཚང་ལེ་བེ་ལགས་ཀྱིས་བཏང་པའི་གནས་ཚུལ་ཞིག་གསན་གནང་གི་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org