རྒྱ་གཞུང་གིས་ལིའུ་ཞོ་པོ་ལ་ལོ་༡༡འི་ཁྲིམས་ཐག་བཅད་པ།

རྒྱ་གཞུང་གིས་རྒྱ་རིགས་རྩོམ་པ་པོ་ལིའུ་ཞོ་པོ་ལ་ལོ་བཅུ་གཅིག་གིབཙོན་འཇུག་ཁྲིམས་ཐག་བཅད་པར་འཛམ་གླིང་རྒྱལ་ཁབ་ཁག་ནས་སྐྱོན་བརྗོད།

གསར་འགྱུར་ལ་གསན་རོགས།

༄༅༎དེ་རིང་གི་ཇོ་མོ་གླང་མའི་ཉིན་སྲིབ་ཅེས་པའི་ལེ་ཚན་ནང་དུ།ཉེ་ཆར་ཡི་ཤུའི་འཁྲུངས་སྐར་དུས་ཆེན་གྱི་སྔ་ནུབ་ཏུ།རྒྱ་རིགས་རྩོམ་པ་པོ་ཙམ་མ་ཡིན་པར་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཐད་འབད་བརྩོན་གནང་མཁན་གྲགས་ཅན་སྐུ་ཞབས་ལིའུ་ཞོ་བོ་ལ།རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ནག་ཉེས་བཙུགས་ཏེ།ལོ་བཅུ་གཅིག་གི་བཙོན་འཇུག་ཁྲིམས་ཐག་བཅད་པར་རྒྱལ་ཁབ་དང་ཚོགས་སྡེ་མི་ཉུང་བ་ཞིག་གིས་སྐྱོན་བརྗོད་བྱས་ཡོད་པའི་སྐོར།སྟག་ལྷ་རྒྱལ་གྱིས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས༎

 

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org