རྡ་ས་ནས་ལྡི་ལི་བར་་གོམ་བགྲོད།
ཀརྟི་བྱེས་པ་གྲྭ་ཚང་ནས་རྒྱ་ནག་ལ་ངོ་རྒོལ་དང་རྔ་བ་སེར་སྐྱ་མི་མང་ལ་རྒྱབ་སྐྱོར་མཚོན་ཆེད་དུ་གོམ་བགྲོད་གནང་བ།
-
2011-04-29 -
-
-
ཀརྟི་བྱེས་པ་གྲྭ་ཚང་གིས་རྒྱ་ནག་ལ་ངོ་རྒོལ་དང་རྔ་བ་སེར་སྐྱ་མི་མང་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་དུ་ཞི་བའི་གོམ་བགྲོད་གནང་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། འཇིགས་མེད་སྙན་གྲགས།
Your browser doesn’t support HTML5 audio
ལེ་ཚན་ལ་གསན་རོགས། |
༄༅༎དེ་རིང་གི་ཇོ་མོ་གླང་མའི་ཉིན་སྲིབ་ཅེས་པའི་ལེ་ཚན་ནང་དུ། རྒྱ་ནག་གཞུང་གིས་རྔ་བ་ཀརྟི་དགོན་པར་དྲག་གནོན་བྱེད་བཞིན་པར་ངོ་རྒོལ་དང༌། རྔ་བ་སེར་སྐྱ་མི་མང་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་དུ། ཀརྟི་བྱེས་པ་གྲྭ་ཚང་གིས་བཞུགས་སྒར་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པའི་སྐོར། སྟག་ལྷ་རྒྱལ་གྱིས་གོམ་བགྲོད་ལས་འགུལ་ནང་མཉམ་ཞུགས་གནང་མཁན་གྲྭ་བློ་བཟང་ཡེ་ཤེས་ལགས་སུ་བཅར་འདྲི་ཞུས་པ་ཞིག་ལ་གསན་རོགས་ཞུ༎