དུས་རབས་ཀྱི་ང་ཞེས་པའི་རྩོམ་སྒྲིག་པ་བཙོན་འཇུག

མདོ་སྨད་རྔ་བ་ཁུལ་གྱི་དུས་རབས་ཀྱི་ང་ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་ཇོ་ལེབས་ཟླ་བ་བཙོན་འཇུག་བྱས་ནས་ཟླ་གསུམ་ཕྱིན་པ།

ལེ་ཚན་ལ་གསན་རོགས།

༄༅༎དེ་རིང་གི་ཇོ་མོ་གླང་མའི་ཉིན་སྲིབ་ཅེས་པའི་ལེ་ཚན་ནང་དུ། མདོ་སྨད་རྔ་བ་ཁུལ་གྱི་དུས་རབས་ཀྱི་ང་ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་དང་རྩོམ་པ་པོ་ཇོ་ལེབས་ཟླ་བ་ལགས་འཛིན་བཟུང་བཀག་ཉར་བྱས་ནས་ཟླ་གསུམ་ལྷག་ཕྱིན་ཡོད་ཀྱང༌། ཁོང་གི་གཟའ་ཟླ་དང་ཁྲིམས་རྩོད་པ་སོགས་མི་གཅིག་ཀྱང་ཐུག་བཅུག་མེད་པའི་སྐོར། སྟག་ལྷ་རྒྱལ་གྱིས་ཇོ་ལེབས་ཟླ་བའི་གཟའ་ཟླ་འཛམ་ལྷ་ལགས་སུ་ཁ་པར་བརྒྱུད་གནས་འདྲི་ཞུས་པར་གསན་རོགས་གནོངས༎

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org