བོད་སྐད་དེང་དུས་ཀྱི་ལམ་ནས་དར་འཕེལ་གཏང་འཆར།

ཕ་རན་སིར་རྟེན་གཞི་བྱེད་པའི་བོད་ཀྱི་ནང་བསྟན་སྲི་ཞུ་ཁང་གིས་བོད་སྐད་དེང་དུས་ཀྱི་ལམ་ནས་དར་འཕེལ་གཏང་འཆར་ཡོད་པ།

སྤྱི་འཐུས་ཚོགས་གཙོ་མཆོག་གིས་བཞུགས་སྒར་དུ་ཕ་རན་སིར་རྟེན་གཞི་བྱེད་པའི་བོད་ཀྱི་ནང་བསྟན་སྲི་ཞུ་ཁང་གི་ཡན་ལག་དབུ་འབྱེད་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་རྒྱ།
གསར་འགྱུར་ལ་གསན་རོགས།

༄༅༎ཡོ་རོབ་ཕ་རན་སི་རྒྱལ་ཁབ་ནང་རྟེན་གཞི་བྱེད་པའི་བོད་ཀྱི་ནང་བསྟན་སྲི་ཞུ་ཁང་གིས། བོད་ཀྱི་སྐད་ཡིག་མ་ཉམས་གོང་འཕེལ་དང་དེས་དུས་ཀྱི་ལམ་ནས་དར་འཕེལ་ཡོང་ཆེད་དུ། བཙན་བྱོལ་བོད་མིའི་ལྟེ་གནས་བཞུགས་སྒར་རྡ་རམ་སར་ཚོགས་པའི་ཡན་ལག་ཅིག་གསར་བཙུགས་གནང་ཡོད་པ་དང༌། ཟླ་འདིའི་ཕྱི་ཚེས་བཅུའི་ཉིན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུ་འབྱེད་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བློ་བེ་ལགས་ཀྱིས་ས་གནས་ས་ཐོག་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས་ཞུ༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org