ཚེ་རིང་དབང་རྒྱལ་ལ་་ཁྲིམས་བཅད།

འདི་ལོར་འབའ་རྫོང་དུ་ཞི་རྒོལ་ཁྲོད་འཛིན་བཟུང་བྱས་བའི་བོད་མི་ཞིག་ལ་ལོ་གཅིག་དང་ཟླ་དྲུག་གི་དུས་བཀག་བཙོན་འཇུག

དབུ་འཁྱུད་དཔར་ཁང་གི་སྦྱིན་བདག་ཚེ་རིང་དབང་རྒྱལ་ལགས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཀུན་བཟང་བསྟན་འཛིན།

༄༅།    །རྒྱ་ནག་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་དུ་འདི་ལོའི་ཕྱི་ཟླ་༣ཚེས་༡༤ཉིན་རྒྱ་གཞུང་གི་དྲ་གནོན་སྲིད་བྱུས་ལ་ངོ་རྒོལ་གནང་བར་བརྟེན།    བོད་མི་ཁག་ཅིག་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་ལྟར།    སྐབས་དེར་འཛིན་བཟུང་བྱས་པའི་དབུ་འཁྱུད་དཔར་ཁང་གི་སྦྱིན་བདག་ཚེ་རིང་དབང་རྒྱལ་ལགས་སུ་ཉེ་འཆར་ལོ་གཅིག་དང་ཟླ་བ་དྲུག་གི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་འདུག    ཞིབ་ཕྲའི་གསན་ཚུལ་ང་ཚོའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org