སྐྱབས་བཅོལ་ལག་ཁྱེར་མེད་པ་རྣམས་ཕྱིར་འབུད་བྱ་རྒྱུ།
ཉེ་ཆར་བལ་ཡུལ་དུ་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་ནས་སྤེལ་བར་བརྟེན་ཉེན་རྟོག་པས་བོད་མི་བརྒྱ་ལྷག་འཛིན་བཟུང་བྱས་ཡོད་པ་དང་སྐྱབས་བཅོལ་ལག་ཁྱེར་མེད་པའི་བོད་མི་དེ་དག་ཕྱིར་འབུད་བྱ་རྒྱུ་ཡིན་པ་རེད།
-
2008-09-12 -
-
-
བལ་ཡུལ་དུ་བོད་མི་ཚོས་རྒྱ་ནག་གཞུང་གིས་བོད་ཀྱི་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་ནས་སྤེལ་དང་སྤེལ་བཞིན་ཡོད་པ།
གསར་འགོད་པ་ཀླུ་འབུམ་བཀྲ་ཤིས།
Your browser doesn’t support HTML5 audio
གསར་འགྱུར་ལ་གསན་རོགས་གནང་། |
༄༅༎རྒྱ་ནག་གཞུང་གིས་བོད་ཀྱི་ཐོག་འཛིན་པའི་སྲིད་བྱུས་ལ་བལ་ཡུལ་བོད་མི་ཚོས་མུ་མཐུད་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་བརྟེན་བལ་ཡུལ་ཉེན་རྟོག་པས་འདས་པའི་ཉི་མ་གཉིས་ནང་བོད་མི་བརྒྱ་ལྷག་འཛིན་བཟུང་བྱས་ཡོད་པ་དང་ད་དུང་བོད་མི་སུམ་བཅུ་ལྷག་འཛིན་བཟུང་བྱས་ནས་སྐྱབས་བཅོལ་ལག་ཁྱེར་མེད་པའི་བོད་མི་དེ་དག་ཕྱིར་འབུད་བྱ་རྒྱུ་ཡིན་པའི་སྐོར་ཀླུ་འབུམ་བཀྲ་ཤིས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པ་ཞིག་གསན་རོགས་གནང་༎