ལོ་གསར་ཆོས་ཕྱོཌ་ལམ་ནས་སྲུང་བརྩི།

བཙན་བྱོལ་བོད་གཞུང་གིས་གནམ་ལོ་གསར་ཚེས་ཀྱི་ཉིན་མོར་གཞུང་འབྲེལ་མཛད་སྒོ་ཆོས་ཕྱོཌ་ཀྱི་ལམ་ནས་སྲུང་བརྩི་ཞུ་རྒྱུ།

བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་གིས་གསུང་བཤད་གནང་བཞིན་པ། ཨེ་ཨེཕ་པི།

གསར་འགྱུར་ལ་གསན་རོགས་གནང་།

༄༅༎ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་བོད་ནང་གི་བོད་མིའི་གཞི་རྒྱ་ཆེ་བའི་སྒེར་ལངས་ཀྱི་ལས་འགུལ་སྤེལ་བའི་ཐོག་རྒྱ་གཞུང་གིས་དྲག་གནོན་བྱས་ཏེ་བོད་མི་བརྒྱ་ཕྲག་མང་པོ་དམར་གསོད་བཏང་བ་དང་མང་པོ་ཞིག་འཛིན་བཟུང་བཙོན་འཇུག་བྱེད་བཞིན་ཡོད་པར་བརྟེན་བཙན་བྱོལ་བོད་གཞུང་གིས་ཚེས་སྲོག་ཤོར་བའི་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་རྗེས་དྲན་དང་འཛིན་བཟུང་བཙོན་འཇུག་བྱེད་བཞིན་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ས་གླང་གནམ་ལོ་གསར་ཚེས་ཀྱི་ཉིན་མོར་གཞུང་འབྲེལ་མཛད་སྒོ་དགའ་སྐྱིད་སྤྲོ་གསུམ་གྱི་ཐོག་ནས་མ་ཡིན་པར་ཆོས་ཕྱོགས་ཀྱི་ལམ་ནས་སྲུང་བརྩི་ཞུ་རྒྱུ་ཡིན་པའི་སྐོར་འདི་གའི་གསར་འགོད་པ་མང་ར་བ་གདུགས་དཀར་འབུམ་གྱིས་གནས་ཚུལ་ཕྱོགས་སྒྲིགས་ཞུས་པ་ཞིག་གསན་རོགས་གནང་༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org