བོད་དོན་ཆེད་རང་སྲོག་གཏོང་མཁན་རྣམས་ལ་མཆོད་འབུལ།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་དམིགས་བསལ་མཆོད་འབུལ་སྨོན་ལམ་འཚོགས་པ།
-
2013-03-06 -
-
-
Your browser doesn’t support HTML5 audio
༄༅།།རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་ཟླ་ ༢ ཚེས་ ༢༤ ཉིན་རང་ལོ་ ༢༠ ལ་སོན་པའི་བོད་མདོ་སྨད་བ་ཡན་རྫོང་ཚ་ཕུག་ཤང་ས་དཀར་གོང་བོ་སྡེ་བ་ནས་ཡིན་པའི་ རྒྱལ་གཅེས་པ་འཕགས་མོ་དོན་གྲུབ་བམ་འཕགས་མོ་ཚེ་བརྟན་ལགས་དང་། ཕྱི་ཚེས་ ༢༥ ཉིན་མདོ་སྨད་རྔ་པ་ངྷི་ཕུ་དགོན་དགེ་ལེགས་གཏེར་མཛོད་གླིང་གི་རྒྱལ་གཅེས་པ་གྲྭ་ གསང་བདག་ལགས་དང་། མདོ་སྨད་ཀླུ་ཆུ་རྫོང་ཤིས་ཚང་ཚོ་བ་བཅུ་གཉིས་ནང་ཚན་ཆོས་འཁོར་སྡེ་བ་ནས་ཡིན་ པའི་རང་ལོ་ ༢༧ ལ་སོན་པའི་རྒྱལ་གཅེས་པ་ཚེ་གཟུངས་སྐྱབས་ལགས་བཅས་ཀྱིས་རང་ལུས་མེར་སྲེག་བཏང་ ཡོད་ཁོངས་ནས་རྒྱལ་གཅེས་པ་ཚེ་གཟུངས་སྐྱབས་ལགས་འདས་གྲོངས་སུ་གྱུར་བ་དང་ཁོང་ རྣམ་པ་གཉིས་ཀྱི་གནས་སྟངས་ད་ལྟའི་ཆར་ཁ་གསལ་མེད་པའི་གནས་ཚུན་ཐོན་སྟབས། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་དེ་རིང་ཚེས་ ༦ ཉིན་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཐོག སྤྱིར་རྒྱལ་གཅེས་པ་ཁོང་རྣམ་པ་གསུམ་གྱིས་གཙོས་ད་བར་བོད་བསྟན་སྲིད་དང་མི་ རིགས། རང་དབང་གི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་པ་ ཕོ་མོ་འདས་གསོན་ཡོངས་ལ་གཞུང་ཕྱོགས་ནས་གདུང་སེམས་མཉམ་བསྐྱེད་ཀྱི་མྱ་ངན་རྗེས་དྲན་ཞུ་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བློ་བྷེ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས།།