ལོ་གཅིག་གི་ནང་འཐུས་ཤོར་ཕྱིན་མེད་གསུངས།

བོད་ནང་གི་ཛ་དྲག་གནས་སྟངས་གདོང་ལེན་བྱེད་ཕྱོགས་ཇི་འགབ་གྲོས་གཞི་གཙོ་བོར་བཟུང་ནས་ཕྱི་ཟླ་༩ ནང་དམིགས་བསལ་ཚོགས་ཆེན་སྐོང་ཚོགས་གནང་རྒྱུ་དང༌། དེ་བཞིན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་ཞིག་ཀྱང་སྐོང་ཚོགས་གནང་རྒྱུ།

སྐབས་གསུམ་པའི་བཀའ་བློན་ཁྲི་མཁས་དབང་བློ་བཟང་སེངྒེ་མཆོག་ནས་དངོས་སུ་དམ་འབུལ་ཞུ་བཞིན་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། འཇིགས་མེད་སྙན་གྲགས།

༄༅།    །བཀའ་བློན་ཁྲི་པ་མཆོག་ནས་འདས་པའི་ལོ་གཅིག་གི་ནང་ལས་འཆར་གསར་གཏོད་ གནང་ཡོད་པའི་ཁོངས་ནས་གལ་ཆེ་བ་ལྔ་ཟུར་འདོན་ཞུས་ན། ལས་བྱེད་གསར་བསྐོའི་དམིགས་བསལ་སྦྱོང་བརྡར་ལས་འཆར། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང༌། བོད་མིའི་ཁྱད་ལས་དྭང་བླང་ཞབས་ཞུ། བོད་མིའི་སྨན་བཅོས་བལྟ་སྐྱོང་ལས་གཞི་འགོ་འཛུགས། གཞུང་ཆེན་བསླབ་པ་མཐར་སོན་པའི་བཙུན་མ་རྣམས་ལ་དགེ་བཤེས་མའི་ཕྱག་འཁྱེར་འབུལ་ཕྱོགས་ཀྱི་སྒྲིག་གཞི་གཏན་འབེབས་བཅས་ཡིན།    ཞེས་གསུངས་འདུག    ཞིབ་ཕྲ་ང་ཚོའི་དྷ་རམ་ས་ལའི་གསར་འགོད་པ་བློ་བྷེ་ནས་བཏང་བའི་གནས་ཚུལ་ལ་གསན་རོགས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org